December

December

歌手:罗卜东朱

所属专辑:December

发行时间:2024-02-09

发行公司:

作词 : 罗卜东朱
作曲 : 罗卜东朱
རེ་བ་བརྩེ་བ་ཕྱུག་པའི་དབྱངས་རྟ་ཞིག་ལེན་འདོད།
སེམས་པ་གཉོམ་པོའི་སྐྱོར་མ་རུ་གྱུར་ན་འདི་ཡག་ཡག
སེམས་པའི་ངལ་དུབ་སེལ་བའི་དབྱངས་རྟ་ཞིག་ལེན་འདོད།
ཁྱེད་ལ་བདེ་སྣང་ཅུང་ཙམ་ཞིག་བྱིན་ན་འདི་སྤྲོ་སྤྲོ།
སྣང་བའི་རི་མོ་མཚོན་པའི་དབྱངས་རྟ་ཞིག་ལེན་འདོད།
ཁྱེད་ལ་ཉན་སྤྲོ་ཨེན་ཙམ་ཞིག་ཡོད་ན་དེས་ཆོག་གོ།
གོམ་ཆུང་གཅིག་སྤོ་གཉིས་སྤོ།
རྟོག་བཏགས་ཀྱི་རྨི་ལམ་ལ་རེ་བ་ཡང་ཡང་སྦྱིན་རོགས།
གོམ་ཆུང་གཅིག་སྤོ་གཉིས་སྤོ།
བདེན་པའི་མེ་ཏོག་དང་དམ་དུ་འཁྱུད་པའི་སྨོན་འདུན།
རླུང་རྟ་ཡར་འགྲོའི་དུས་ལ།།
རླུང་བསྐྱེད་དར་ལྕོག་བཙུགས་ཡོད།།
མཛངས་མ་མ་བཟང་བུ་མོས།།
ང་རང་མགྲོན་ལ་བོས་ཡོད།།
རེ་བ་བརྩེ་བ་ཕྱུག་པའི་དབྱངས་རྟ་ཞིག་ལེན་འདོད།
སེམས་པ་གཉོམ་པོའི་སྐྱོར་མ་རུ་གྱུར་ན་འདི་ཡག་ཡག
སེམས་པའི་ངལ་དུབ་སེལ་བའི་དབྱངས་རྟ་ཞིག་ལེན་འདོད།
ཁྱེད་ལ་བདེ་སྣང་ཅུང་ཙམ་ཞིག་བྱིན་ན་འདི་སྤྲོ་སྤྲོ།
སྣང་བའི་རི་མོ་མཚོན་པའི་དབྱངས་རྟ་ཞིག་ལེན་འདོད།
ཁྱེད་ལ་ཉན་སྤྲོ་ཨེན་ཙམ་ཞིག་ཡོད་ན་དེས་ཆོག་གོ
གོམ་ཆུང་གཅིག་སྤོ་གཉིས་སྤོ།
རི་གྲོང་གི་མེ་ཏོག་རྐང་གཅིག་བཏུས་ནས་ཁྱེད་ལ་ཕུལ་ཡོད།
གོམ་ཆུང་གཅིག་སྤོ་གཉིས་སྤོ།
ལྷ་ཆབ་ཀྱིས་བྱབས་ཁྲུས་གནང་བའི་རྣམ་དག་ཁྱེད་ལ་འབུལ་ཆོག
采样:华吉hj
和声:耿鹏Cling
录音:万玛Mr Chemsi
混音:周强加
Tashi Delek!
歌手其他热门歌词
全站热门歌词